སྐྱབས་རྗེ་བ་ཀུ་ལ་སྐུ་ཕྲེང་བཅུ་དགུ་པའི་ཡང་སྲིད༸་མཆོག་སྤྲུལ་བསྟན་འཛིན་ངག་དབང་འཇིགས་མེད་མཆོག་གི་ཆོས་ཞུགས་མཛད་སྒོ།

11/23/2017 LosellingMonastery མཆན་ 0 སྡེ་ཚན་ :


     མེ་བྱ་ཟླ་བ་ ༡༠ ཚེས་ ༤ ཕྱི་ལོ་ ༢༠༡༧ ཟླ་བ་ ༡༡ ཚེས་ ༢༢ རེས་གཟའ་ལྷག་པའི་ཉིན་ལ་དྭགས་དཔེ་ཐུབ་དགོན་གྱི་དབུ་བླ་སྐྱབས་རྗེ་བ་ཀུ་ལ་སྐུ་ཕྲེང་བཅུ་དགུ་པའི་ཡང་སྲིད་མཆོག་སྤྲུལ་བསྟན་འཛིན་ངག་དབང་འཇིགས་མེད་དབང་ཕྱུག་མཆོག་འབྲས་སྤུངས་ཚོགས་ཆེན་དང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་ཀྱི་མཛད་སྒོའི་བསྙེན་བཀུར་གནང་།

སྐྱབས་རྗེ་བ་ཀུ་ལ་སྐུ་ཕྲེང་ཉི་ཤུ་པ་བསྟན་འཛིན་ངག་དབང་འཇིགས་མེད་དབང་ཕྱུག་མཆོག

འབྲས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་པ།


སྐྱབས་རྗེ་བ་ཀུ་ལ་སྐུ་ཕྲེང་བཅུ་དགུ་པ་མཆོག
རྒྱལ་ཕྱི་ནང་ནས་ཕེབས་པའི་དད་ལྡན་སྦྱིན་བདག་དང་སྐུ་མགྲོན་རྣམ་པ།

        ཕྱི་ཉིན་བོད་ཚེས་༥ ཉིན་གྱི་སྔ་དྲོར་འབྲས་བློ་གླིང་དཔེ་ཐུབ་ཁམས་ཚན་དུ་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འཇལ་དར་སྒྲོན་འབུལ་གྱི་མཛད་སྒོ་ཚོགས།
འབྲས་བློ་གླིང་དཔེ་ཐུབ་ཁམས་ཚན་དུ་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ།

འབྲས་བློ་གླིང་དཔེ་ཐུབ་ཁམས་ཚན་དུ་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་མཇལ་དར་སྒྲོན་འབུལ།


མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཡབ་ཡུམ་སྐུ་འཁོར།


མཛད་སྒོར་ཕེབས་པའི་དགེ་འདུན་པ་རྣམ་པ།

མཛད་སྒོའི་དབུ་བཞུགས་ཀྱི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་ཟུར་དང་ཤར་པ་ཆོས་རྗེ། སྒོ་མང་མཁན་པོ། བློ་གླིང་རྒྱུད་སྨད་མཁན་ཟུར་བཅས།



      གཞན་ཡང་ཀ་ཤི་མིར་མཉམ་སྦྲེལ་བཀའ་བློན་སྐུ་ཞབས་ཚེ་རིང་རྡོ་རྗེ་དང་། རྒྱ་གར་དབུས་གཞུང་གི་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་ཚེ་དབང་དང་། ལ་དྭགས་རང་སྐྱོང་ལྗོངས་ཀྱི་བཀའ་ཁྲི་སྐུ་ཞབས་བསོད་ནམས་ཟླ་བ་དང་། གླེ་ཀོང་རི་སིའི་ཚོགས་པའི་ཚོགས་གཙོ་ཚེ་རིང་བསམ་འཕེལ་དང་། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩའི་འགན་འཛིན་བཅས་ཕེབས་ཡོད་ཅིང་། ད་དུང་རྒྱལ་ཕྱི་ནང་གཉིས་དང་ལྷག་པར་དུ་ལ་དྭགས་ནས་ཡང་སྲིད་མཆོག་གི་སྐུ་འཁོར་དང་དད་ལྡན་མང་ཚོགས་རྒྱ་ཆེ་འདུས་འཛོམས་བྱས་ཡོད། 
རྒྱ་གར་དབུས་གཞུང་གི་སྤྱི་འཐུས་དང་ལ་དྭགས་ནས་ཕེབས་པའི་གནད་ཡོད་མི་སྣ་ཁག་ཅིག

      དགའ་ལྡན་ཁྲི་ཟུར་མཆོག་དང་། དབྱིན་ཡུལ་བོད་ཀྱི་ཐེབས་རྩའི་འགན་འཛིན། ཀ་ཤི་མིར་མཉམ་སྦྲེལ་བཀའ་བློན་སྐུ་ཞབས་ཚེ་རིང་རྡོ་རྗེ་དང་། རྒྱ་གར་དབུས་གཞུང་གི་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་ཚེ་དབང་དང་། ལ་དྭགས་རང་སྐྱོང་ལྗོངས་ཀྱི་བཀའ་ཁྲི་སྐུ་ཞབས་བསོད་ནམས་ཟླ་བ་དང་། གླེ་ཀོང་རི་སིའི་ཚོགས་པའི་ཚོགས་གཙོ་ཚེ་རིང་བསམ་འཕེལ་བཅས་ཀྱིས་གསུང་བཤད་གནང་བར་མ་ཟད། རིན་པོ་ཆེ་མཆོག་གི་འབྱུང་འགྱུར་གྱི་སློབ་གཉེར་དཔྱིས་ཕྱིན་པ་ཡོང་བ་དང་སྐུ་གོང་མའི་རྣམ་ཐར་བདག་གིར་བཞེས་པའི་སྨོན་འདུན་ཞུས་ཡོད་འདུག

རྒྱ་གར་དབུས་གཞུང་གི་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་ཚེ་དབང་གིས་གསུང་བཤད་གནང་བཞིན་པ།

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བཞིན་པ།
མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ།


ལ་དྭགས་ནས་ཕེབས་པའི་སྐུ་མགྲོན་རྣམས།
ལ་དྭགས་ནས་ཕེབས་པའི་སྐུ་མགྲོན་རྣམས།
སྐུ་མགྲོན་རྣམས་ལ་གསོལ་ཚིག་འབུལ་བཞིན་པ།

མཇུག་ཏུ་སྐུ་མགྲོན་རྣམས་ལ་གསོལ་ཚིག་ཕུལ་ཏེ་མཛད་སྒོ་ཟབ་རྒྱས་ངང་གྲོལ།


བོད་དང་འབྲེལ་ཡོད་ཀྱི་བ་ཀུ་ལ་སྐུ་ཐོག་གོང་མའི་མཛད་འཕྲིན་ཁག་ཅིག་གི་སྐུ་དཔར།


༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག (1956)



པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་དང་སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག་གཉིས་ལྷན་བཞུགས།





རྩོམ་ཡིག་གཞན།

མཆན་ 0