འབྲས་བློ་གླིང་གྲྭ་ཚང་གི་ངོས་ནས་བོད་མིའི་སྤྱི་ཚོགས་ཞབས་ཞུ་མེ་ཐབས་རླངས་རྫས་ HP GAS ལས་ཁུངས་ནས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་ཁོངས་གདན་ས་ཆེན་པོ་གཉིས་ཀྱི་གྲྭ་ཚང་བཞི་དང་། གཞན་ཡང་རིས་མེད་དགོན་སྡེ་ལྔའི་ཕྱག་མཛོད།  གྲོང་སྡེ་བཅུའི་བརྒྱ་དཔོན་བཅས་ལ་རླངས་རྫས་ལས་ཁུངས་འདི་ལྟར་བུ་འཛུགས་རྒྱུར་ལས་སླ་མོ་མེད་པས་ཡུན་གནས་རྒྱུན་བསྐྱང་ཐུབ་ཐབས་བཅས་ཀྱི་ཟབ་སྦྱོང་སྤྲད་ཡོད་པ།

7/30/2017 LosellingMonastery མཆན་ 0 སྡེ་ཚན་ :

༄༅། །དེ་རིང་ཕྱི་ལོ་ ༢༠༡༧ ཟླ་བ་ ༠༧ ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་གུང་ཆུ་ཚོད་ ༣།༠༠ པའི་ཐོག  མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་ཁོངས་གདན་ས་ཆེན་པོ་གཉིས་ཀྱི་གྲྭ་ཚང་བཞི་དང་། གཞན་ཡང་རིས་མེད་དགོན་སྡེ་ལྔའི་ཕྱག་མཛོད།  གྲོང་སྡེ་བཅུའི་བརྒྱ་དཔོན་བཅས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་འཛིན་སྐྱོང་ཕྱག་མཛོད་ཁང་གི་ཚོགས་འདུ་ཁང་ནང་དུ་འདུ་བསྐོངས་བྱས་ཏེ། འབྲས་བློ་གླིང་གྲྭ་ཚང་གི་ངོས་ནས་བོད་མིའི་སྤྱི་ཚོགས་ལ་ཞབས་ཞུ་མེ་ཐབས་རླངས་རྫས་ HP GAS  ལས་ཁུངས་གསར་འཛུགས་བྱས་ནས་ལོ་ངོ་བཅུ་བདུན་ཙམ་རིང་ལ་མོན་གྷོ་བོད་མིའི་གཞིས་ཁོངས་དགོན་སྡེ་ཁག་དང་།  སློབ་གྲྭ  རྒན་གསོ་ཁང་། གྲོང་སྡེ་བཅུའི་མི་ཚང་སོ་སོ་བཅས་ལ་འཚོ་བའི་དགོས་མཁོ་ཆེ་ཤོས་མེ་ཐབ་རླངས་རྫས་ཐོག་དཀའ་ངལ་སེལ་ཐུབ་པར་བྱུང་ཡོད་པས།  གནད་དོན་འདིའི་ཐད་བློ་གླིང་གྲྭ་ཚང་གི་ཕྱག་མཛོད་ཁྲི་པ་དང་།  རླངས་རྫས་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཚོས་རླངས་རྫས་བེད་སྤྱོད་བྱེད་བཞིན་པའི་མི་མང་སོ་སོའི་ངོས་ནས་བསྒྲུབ་དགོས་པ་དང་། ཁྲིམས་སྒྲིག་འཁུར་ལེན་བྱེད་སྟངས། རླངས་རྫས་ལས་ཁུངས་འདིའི་གལ་གནད་དང་། རླངས་རྫས་ལས་ཁུངས་འདི་ལྟར་བུ་འཛུགས་རྒྱུར་ལས་སླ་མོ་མེད་པས་ཡུན་གནས་རྒྱུན་བསྐྱང་ཐུབ་ཐབས་བཅས་ལ་ཟབ་སྦྱོང་སྤྲད་ཡོད་པ་བཅས།








རྩོམ་ཡིག་གཞན།

མཆན་ 0