བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་རིན་པོ་ཆེ་འདི་ཉིད་ཀྱིས་སྔ་སྲོལ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ཉིན་ལྔའི་རིང་གི་ཞབས་རིམ།

3/25/2017 LosellingMonastery མཆན་ 0 སྡེ་ཚན་ :




















           བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་རིན་པོ་ཆེ་འདི་ཉིད་ཀྱིས་སྔ་སྲོལ་བཞིན་བོད་རྒྱལ་ལོ་༢༡༤༥ རབ་གནས་མེ་བྱ་ལོ་དང་། ཕྱི་ལོ་ ༢༠༡༧ ལོ་ཡི་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་ཞབས་རིམ་དེ་བོད་ཟླ་དང་པོའི་ཚེས་ ༢༤  དང་ཕྱི་ཟླ་གསུམ་པའི་ཚེས་༢༡་ཉིན་དབུ་འཛུགས་ཀྱིས་ཉིན་ལྔ་ཡི་རིང་ལ་མཁན་བླ་འདུས་མང་ཡོངས་རྫོགས་ངེས་ཕེབས་གནང་སྟེ་ཚོགས་ཡོད་ཅིང་། ཉིན་དང་་པོ། གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་སྲུང་མ་མགོན་པོ་ཞལ་བཞི་དང་། ཉིན་གཉིས་པ། དཔལ་ལྡན་ལྷ་མོ། ཉིན་གསུམ་པ། དམ་ཅན་རྡོ་རྗེ་ལེགས་པ་དང་། གནས་ཆུང་ཆོས་རྒྱལ་ཆེན་པོ་བཅས་ཀྱི་བསྐང་བཤགས་གྲངས་གསོག་དང་། ཉིན་བཞི་པ། ཞོགས་པར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། གྲྭ་ཚང་གི་ཁོངས་གཏོགས་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཁྲི་ལས་ཟུར་རྣམ་པ་གཉིས་དང་། ཤར་པ་ཆོས་རྗེ། རྒྱལ་བའི་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་། རྒྱལ་སྲས་བླ་སྤྲུལ་ཁག་གི་མཚོན་པའི་རིས་མེད་བསྟན་འཛིན་རྣམས་ཀྱི་སྐུ་ཚེའི་ཚེ་སྒྲུབ་གནས་བརྟན་ཕྱག་མཆོད་དང་། དེ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་འདོན། ཉིན་ལྔ་པ། སྒྲོལ་མ་འབུམ་ཚར་བཅས་ཚོགས་གནང་ལེགས་པ་གྲུབ་ཡོད།

རྩོམ་ཡིག་གཞན།

མཆན་ 0