མཁས་མང་བློ་གསལ་བྱེ་བའི་གླིང་གི་ཁམས་ཚན་སོ་སོའི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོ་འཚོགས་བ།

2/19/2017 LosellingMonastery མཆན་ 0 སྡེ་ཚན་ :

















































  ཁམས་ཚན་སོ་སོའི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོ་ནི། དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གྲྭ་ཚང་ལ་ཆ་མཚོན་ན་གཟའ་ཉི་མའི་དགོང་མོར་དམ་བཅའ་རེ་འཚོགས་སྲོལ་ཡོད་ཅིང་། ཁམས་ཚན་སོ་སོའི་མཚན་ཕུད་དམ་བཅའ་ཆེན་མོ་ནི་འཇང་དགུན་ཆོས་ཆེན་མོ་གྲོལ་རྗེས་ལོ་གསར་མ་ཤར་སྔོན་གྱི་ཉིན་ཤས་སྔོན་ཚོགས་སྲོལ་ཡོད་པ་བཞིན་ཟླ་བ་འདིའི་ཚེས་༡༩ཉིན་ཚོགས་ཡོད། དེ་ཉིན་ཁམས་ཚན་སོ་སོར་དམ་བཅའ་འཚོག་ཡུལ་དུ་སྐུ་ཐང་བཤམས་པ་སོགས་བྱེད་སྒོ་མང་ཙམ་མཆིས། དམ་བཅའ་ཐུག་པ་དང་གསོལ་ཇ་བཞེས་བག་སོགས་ཀྱང་ཁམས་རྒན་དང་གཉེར་པ་སོགས་ཀྱིས་གྲ་སྒྲིག་གང་ལེགས་དགོས། མཚན་ཕུད་དམ་བཅའ་འཇོག་མཁན་ནི་ལོ་དེའི་ཁམས་ཚན་སོ་སོའི་དགེ་བཤེས་རྣམས་ཡིན་པ་དང། རྟགས་བསལ་གཏོང་མཁན་ཡང་ལོ་དེར་འཇང་དགུན་ཆོས་ལ་ཕེབས་པའི་སློབ་གཉེར་བ་རྣམས་ཀྱིས་གཙོ་བོ་འགན་འཁྱེར་དགོས། རྟགས་བསལ་གཏོང་རྒྱུ་གཙོ་བོ་ནི་འཛིན་གྲྭ་སོ་སོར་ཚད་མ་རྣམ་འགྲེལ་གྱི་རྩོད་གཞུང་གང་ལ་འཁེལ་ཡོད་པ་དེ་ཡིན་ཡིན། དགོང་དྲོ་ཆུ་ཚོད་བདུན་ཙམ་ནས་གྲྭ་མང་འདུ་འཛོམས་གནང་ནས། གྲྭ་ཚང་གི་ཁུངས་སོ་སོའི་མཁན་ལས་ཟུར་རྣམ་པ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་བཅས་ཆོས་ཀྱི་དགའ་སྟོན་དེར་གདན་འཛོམས། དེ་ནས་ཁམས་ཚན་སོ་སོའི་དབུ་མཛད་ལགས་ནས་ཁམས་ཚན་སོ་སོའི་ནང་གསུང་སྲོལ་ཡོད་པའི་ཞལ་འདོན་དབུ་བསྐུལ་གནང་སྟེ་གྲུབ་པའི་མཚམས་སུ་དམ་བཅའ་གཟིགས་ཞིབ་པས་རྟགས་གསལ་གཏོང་དགོས་པའི་བརྡ་གནང་འཛིན་གྲྭ་རྒན་རིམ་ནས་རྟགས་གསལ་གཏོང་གནང་དགོས། དུས་ཡུན་མཚན་མོ་ཚོུད་༡༢ཙམ་ཞིག་ལ་ཚོད་འཛིན་གནང་ནས་མཇུག་ཏུ་ཚིག་བཟང་དང་དགེ་བསྔོ་ཡི་ཞལ་འདོན་གསུངས་ནས་དྷཱིཿསྐད་བརྒྱབས་ཏེ་ལེགས་པ་གྲུབ་པ་བཅས་ཡིན། 

རྩོམ་ཡིག་གཞན།

མཆན་ 0