ཆོས་བརྡ་གསལ་བསྒྲགས།

1/14/2017 LosellingMonastery མཆན་ 0 སྡེ་ཚན་ :


རྣམ་གྲོལ་དོན་དུ་གཉེར་བའི་རྒྱ་ཆེའི་ཆོས་ཞུ་བ་ཡོངས་ཀྱི་སྙན་དབང་དུ། 
ཆེད་ཞུ། 
འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་དང་། དད་ལྡན་སྦྱིན་བདག་ཁག་ནས་
གསོལ་འདེབས་ཞུས་དོན་བཞིན། ཁྱབ་བདག་བཀའ་འགྱུར་བ་༧སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་བྲག་གཡབ་
རྟོགས་ལྡན་སྤྲུལ་སྐུ་༧རྗེ་བཙུན་གྲགས་པ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་ནས་ཞལ
བཞེས་བཟང་པོ་ལེགས་པ་ཐོབ་པ་ལྟར། བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་བོད་ཟླ་ ༢ཚེས་༡༧ནས་བོད་ཟླ་༣
ཚེས་༣བར་དང་། ཕྱི་ལོ་༢༠༡༧ཟླ་༤ཚེས་༡༣ནས་ཟླ་བ་༤ཚེས་༢༩བར་ཏེ། ཁྱོན་ཉིན་གྲངས་༡༧
རིང་ལ་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་དུ་འཇམ་མགོ་ཆོས་ཀྱི་རྒྱལ་པོ་
ཙོང་ཁ་པ་ཆེན་པོ་ཡབ་སྲས་གསུམ་གྱི་གསུང་འབུལ་ལྗགས་ལུང་གནང་གཏན་འཁེལ་བ་ལགས་ན། དད་ལྡན་
རྒྱ་ཆེའི་ཆོས་ཞུ་བ་རྣམས་དུས་ཐོག་ཕེབས་གནང་ཡོང་བའི་གསལ་བསྒྲགས་སུ། 
འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་
ཕྱི་ལོ་༢༠༡༧ཟླ་༠༡་ཚེས་༠༦ཉིན།

རྩོམ་ཡིག་གཞན།

མཆན་ 0