བློ་གླིང་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་།

1/17/2016 LosellingMonastery མཆན་ 0 སྡེ་ཚན་ :








སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་མཛད་བཟང་ཁག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ། གཞན་ཡང་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་སློབ་གཉེར་ཚགས་ཚུད་ཡོད་ཆེད་གྲྭ་ཚང་འདིའི་མཁན་གདན་ཟུར་དང་མཁན་དབང་རྣམ་པ་ཚོགས་འདུ་ལྷན་རྒྱས་ངོས་ནས།
སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེར་གྲྭ་ཚང་གི་གཞི་རྩའི་སློབ་གཉེར་གནང་ཕྱོགས་གཙོར་བཟུང་ཐོག་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་བཟོ་གནང་ཡོང་བ་ཞེས་ཞུས་པ་ལྟར། རིན་པོ་ཆེ་ནས་གནའ་དེང་གི་ལེགས་ཆ་འདུས་པའི་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་གསར་བཟོ་གནང་། རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་ནི། ཚོགས་གཙོ་མཁན་རིན་པོ་ཆེ་དང་། ཚོགས་མི། བླ་མ་གཞུང་ལེན་པ། དགེ་བསྐོས། དབུ་མཛད། དཔེ་ཁྲིད་དགེ་རྒན། རྒྱུན་ལས་བཅས་ཀྱིས་གྲུབ་པ་ཞིག་ཡིན། ཚོགས་ཆུང་འདིས་རྒྱུགས་སྤྲོད་ཀྱི་ལས་དོན་ཡོངས་རྫོགས་ལ་ལྟ་རྟོག་སྟངས་འཛིན་གནང་དགོས། 

རྩོམ་ཡིག་གཞན།

མཆན་ 0