མཁས་མང་བློ་གསལ་གླིང་གི་ཁམས་ཚན་དམ་བཅའ།

1/16/2016 LosellingMonastery མཆན་ 0 སྡེ་ཚན་ :

ལོ་འཁོར་མོ་ཡུག་ཏུ་ཆོས་ར་ཚུགས་མ་ཚུགས་གང་ཡིན་ཡང་། རེས་གཟའ་ཉི་མའི་དགོང་དྲོར་ཁམས་ཚན་དམ་བཅའ་ཚུགས་དགོས། རྒྱུན་ལྡན་ཁམས་ཚན་རང་རང་གི་སློབ་གཉེར་བ་གཉིས་རེ་དམ་བཅའ་བཞག་ནས་རྟགས་གསལ་རིམ་པར་གཏོང་དགོས།

དཔྱིད་ཆོས་དང་པོའི་སྐབས་དགེ་བཤེས་ལྷ་རམས་པ་རྣམས་ཀྱིས་ཁམས་ཚན་དམ་བཅའ་བསྐོར་དགོས། དེར་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་ཀའི་རྟགས་བསལ་གཏོང་དགོས། མ་ཟད་སྐབས་དེར་དབུ་ཕར་འདུལ་མཛོད་བཞི་ཡི་ཚོགས་ལངས་དམ་བཅའ་ཡང་བསྐོར་དགོས། དེར་དམ་བཅའ་བསྐོར་མཁན་རྣམས་སྔོན་ནས་ཁམས་རྒན་སར་བཅར་ནས་དམ་བཅའ་ཞུ་དགོས། འཛིན་གྲྭ་འོག་མས་སྔོན་ནས་དམ་བཅའ་ཞུས་ཟིན་ཀྱང་འཛིན་གྲྭ་གོང་མ་དང་དགེ་བཤེ ས་དམ་བཅའ་བྱུང་ན་འོག་མ་འོག་མས་དམ་བཅའ་ཞུར་དགོས། ཡང་ལོ་གཅིག་གི་ནང་གྲྭ་ཚང་གི་ལོ་གསར་གྱི་སྔོན་དུ་ཁམས་ཚན་དུ་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཞིག་འཚོགས་དགོས། དེ་ཡང་འཇང་དགུན་ཆོས་ལ་མ་ཕེབས་པའི་ཁོངས་ནས་སློབ་གཉེར་བ་དམ་བཅའ་དང་། འཇང་དགུན་ཆོས་ལ་ཕེབས་མཁན་ཚོས་རྟགས་བསལ་བཟོས་ནས་མཆོད་བརྗོད་དང་ས་བཅད་སྐྱོར་ཏེ་ཁྱབ་འགོ་བཙུགས་ནས་རྟགས་བསལ་གཏོང་དགོས། རྟགས་བསལ་ཁྱབ་འགོ་བཙུགས་མཚམས་ནི། འཇམ་དཔལ་མཚན་བརྗོད་ཀྱི་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པའི་མཚམས་སུ་སྤྱི་མཚུངས་ལྟར་ཡིན། སྐབས་དེར་ཁམས་ཚན་སོ་སོས་རྒྱན་དྲུག་མཆོག་གཉིས་དང་རྗེ་ཡབ་སྲས་གསུམ་སོགས་ཀྱི་གོས་སྐུ་བཀྲམ། སྐྱབས་རྗེ་མཁན་རིན་པོ་ཆེའི་བཞུགས་ཁྲི་བརྒྱབ་སྟེ། མཁན་རིན་པོ་ཆེ་དང་། དགེ་བསྐོས། ཆབ་རིལ་སོགས་ཁམས་ཚན་རེ་རེ་བཞིན་དམ་བཅའ་ལ་གཟིགས་སྐོར་ཕེབས་ཀྱི་ཡོད།

རྩོམ་ཡིག་གཞན།

མཆན་ 0