མཁས་མང་བློ་གསལ་གླིང་གི་མཚན་ཕུད་དམ་བཅའི་སྐོར།

1/24/2016 LosellingMonastery མཆན་ 0 སྡེ་ཚན་ :



འདུལ་མཛོད་གཉིས་ཀྱི་མཚན་ཕུད་དམ་བཅའ་འཇོག་མཁན་ལོ་དེའི་འདུལ་མཛོད་ཀྱི་ཚོགས་ལངས་པ་གཉིས་པོ་དེ་ཡིན། དེ་ཡང་སྟོང་ཉིད་ཆོས་རའི་ནང་གྲྭ་ཚང་དུ་དམ་བཅའ་བཞག་ནས་འཛིན་དང་པོར་མུ་བཞི་རྩིས་སྤྲོད་དང་། འཛིན་དང་པོས་འདུལ་མཛོད་དོགས་གཅོད་ཆེན་མོ་ཚོགས་ཟིན་ནས། དབྱར་ཆོས་སྐབས་འབྲས་སྤུངས་ཚོགས་ཆེན་དུ་འདུལ་མཛོད་གཉིས་ཆ་གྲྭ་ཚང་ཕན་ཚུན་དམ་བཅའ་འཇོག་རེས་བྱས་ནས་མཚན་ཕུད་དམ་བཅའ་ཉིན་བཞི་ཡོད།
དབུ་ཕར་གཉིས་ཀྱི་མཚན་ཕུད་དམ་བཅའ་ནི། ཞག་གྲངས་མང་པོའི་སྔོན་ནས་དགེ་སྐོས་ལགས་ཀྱིས་གྲྭ་མང་ལ་བརྡ་ལན་གནང་ནས་འཛིན་གྲྭ་རེས་རྟགས་གསལ་གཉིས་རེ་ཙམ་སྒྲ་སྒྲིག་གནང་དགོས། མཚན་ཕུད་དམ་བཅའ་འཇོག་མཁན་ནི་ལོ་དེའི་དགེ་བཤེས་ལྷ་རམས་པ་རྣམས་ཡིན། ས་སྲོད་ཙམ་དུ་ཆོས་རའི་རྡོ་ཏིང་རྡུང་བ་དང་གྲྭ་མང་འདུ་འཛོམས་གནང་། ཁྲི་རིན་པོ་ཆེ་དང་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས། མཁན་ལས་ཟུར་རྣམ་པ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་བཅས་ཆོས་ཀྱི་དགའ་སྟོན་དེར་གདན་འཛོམས་ནས། ཆེན་མོ་ལགས་ནས་འཇམ་དཔལ་མཚན་བརྗོད་དབུ་བསྐུལ་གནང་སྟེ། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པའི་མཚམས་སུ་བླ་མ་གཞུང་ལེན་པས། རྟགས་གསལ་གཏོང་དགོས་པའི་བརྡ་གནང་བ་དང་འཛིན་གྲྭ་རྒན་རིམ་ནས་རྟགས་གསལ་གཏོང་དགོས། རྟགས་གསལ་དུས་ཡུན་ཇི་ཙམ་གཏོང་དགོས་མིན་བླ་མ་གཞུང་ལེན་པས་ཚོད་འཛིན་གནང་གི་ཡོད། མཇུག་ཏུ་ཚིག་བཟང་དང་། འཇམ་དཔལ་མཚན་བརྗོད་འདོན་འཕྲོ་བ སྐྱངས་ཏེ་དགེ་བསྔོ་དང་དྷཱི8་སྐད་བརྒྱབ་སྟེ་གྲོལ་དགོས། རྣམ་འགྲེལ་མཚན་ཕུད་དམ་བཅའ་ནི། དགུན་ཆོས་ཆེན་མོའི་དམ་བཅའ་ཚར་ནས་གྲྭ་ཚང་གི་ལོ་གསར་སྔོན་དུ་ཚོགས་དགོས། དགེ་སྐོས་མཆོག་ནས་གྲྭ་མང་ལ་སྔོན་བརྡ་གནང་ནས་འཛིན་གྲྭ་སོ་སོས་རྟགས་བསལ་གཉིས་རེ་ཙམ་

གྲ་སྒྲིག་བྱ་དགོས། དབུ་ཕར་གཉིས་ཀྱི་མཚན་ཕུད་དམ་བཅའ་དང་ཅུང་མི་འདྲ་བ་ནི་ལོ་ཕྱི་མའི་དགེ་བཤེས་ལྷ་རམས་པ་རྒན་པ་དེས་ཚད་མ་རྣམ་འགྲེལ་གྱི་ས་བཅད་ཆེན་མོ་སྐྱོར་ནས་གཞུང་བཤད་གནང་སྟེ་ལེའུ་གཉིས་པའི་གཞུང་གི་རྟགས་བསལ་ཁྱབ་འགོ་འཛུགས་དགོས། འཛིན་གྲྭ་རྒན་རིམ་ནས་རྟགས་བསལ་བཏང་ནས་མཇུག་ཏུ་དགེ་བསྔོ་གནང་སྟེ་ཆེན་མོ་ལགས་ནས་འདོན་པ་མཇུག་སྡུད་གནང་དགོས། འཛིན་གྲྭ་སོ་སོའི་མཚན་ཕུད་དམ་བཅའ་ཚུགས་མི་ཚུགས་ངེས་པ་མེད། འོན་ཀྱང་དགེ་འདུན་ཉི་ཤུའི་འཛིན་གྲྭའི་དམ་བཅའ་ཞིག་ནི་ཆོས་རྭའི་རྡོ་གཅལ་སྟེང་ངེས་པར་ཚོགས་དགོས་པ་ཡིན། ཡང་ཕར་ཕྱིན་སེམས་བསྐྱེད་འཛིན་གྲྭ་ཚོགས་དུས་འབྲས་སྤུངས་ཚོགས་ཆེན་རྡོ་གཅལ་སྟེང་ངེས་པར་དུ་དམ་
བཅའ་ཞིག་ཚོགས་དགོས།



རྩོམ་ཡིག་གཞན།

མཆན་ 0